གདོང་ཤོག

Like and share
     
 
    

༆འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་ རྒྱལ་ཡོངས་སྐད་ཡིག་གཅིག་ངོས་འཛིན་འབད་དེ་ གཞུང་འབྲེལ་གྱི་ཕྱག་ལཱ་ག་ཅི་ར་གནང་དགོ་རུང་ རྒྱལ་ཡོངས་སྐད་ཡིག་གི་ཐོག་ལས་མཛད་སྲོལ་ཡོདཔ་ཨིན་རུང་། དུས་དང་བསྟུན་ཏེ་ རང་གི་ཁ་སྐད་བ་འདི་ རྒྱལ་ཁབ་གཞན་གྱི་ཁ་སྐད་ལུ་ དང་འདོད་བསྐྱེད་མི་མང་སུ་འཐོན་མི་འདི་ འགྲོ་ལུགས་བཟུམ་ཅིག་ཨིན་མས།

ཨིན་རུང་ རྒྱལ་ཁབ་ལ་ལུ་ཅིག་གིས་ རང་སོའི་ཁ་སྐད་འདི་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ཨིནམ་ཧ་གོ་སྟེ་ རྒྱལ་ཁབ་གཞན་གྱི་ཁ་སྐད་ཚུ་མ་ཤེས་རྫུས་བཏབ་སྟེ་ རང་གི་རྒྱལ་ཡོངས་སྐད་ཡིག་འདི་ར་གཙོ་བོར་བཏོནམ་ཨིན་མས།

ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཡང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཁ་ལས་སླབ་དགོ་རུང་ ཡིག་ཐོག་ལུ་འབྲི་དགོ་རུང་སྟབས་བདེ་ཏོག་ཏོ་སྦེ་ཡོད་རུང་། ད་ལྟོའི་འབད་བཞག་ལྟཝ་ད་ རྒྱལ་ཡོངས་སྐད་ཡིག་ལུ་ དང་འདོད་བསྐྱེད་མི་གངམ་མེདཔ་མ་ཚད་ འདིའི་ནང་ལས་ཡང་ ཧེ་མ་ལས་སླབ་སྲོལ་ཡོད་པའི་ ཁ་སྐད་སླབ་མི་འདི་གནམ་ཉིན་མའི་སྐརམ་བཟུམ་ཅིག་ལས་བརྒལ་ཏེ་མི་ནུག། 

རྫོང་ཁ་སླབ་ཐངས་ཀྱི་སྡེ་ཚན་བཟོ་དགོ་མི་དེ་ཡང་ རྒྱལ་ཁབ་རང་བཙན་དོན་ལུ་ ཤོ་མཉམ་རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་དང་། ཁ་སྐད་སླ་བསྲེས་མེད་པར་རང་གི་ཁ་སྐད་ཐོག་ལས་ བརྡ་དོན་སྤྲོད་ལེན་འབད་ཚུགས་ནི། དེའི་ནང་ལས་ཡང་སླབ་དགོ་བདེ་ཏོག་དང་། ཉན་དགོ་མནོ་སི་སི་སྦེ་ཡོད་པའི་ རྫོང་ཁའི་ངག་གཤིས་རྒྱབ་ཁར་ལུས་མི་ཚུ་ གདོང་ཁར་བཏོན་ཏེ་དར་ཁྱབ་གཏང་ནི་ལུ་ གཙོ་བོར་བཏོནམ་ཨིནམ་ལས་ ཕོག་ལམ་དང་མ་འཁྲིལ་པའི་རྫོང་ཁའི་མིང་ཚིག། དེ་ལས་མི་མང་གིས་འཇམ་ཏོང་ཏོ་སྦེ་ཧ་གོ་མ་ཚུགས་པའི་མིང་ཚིག་ཚུ་ དང་ཕུ་ག་དེ་སྦེ་སླབ་དོཝ་ཨིན་ན་ དབྱེ་བ་དཔྱད་ཞིནམ་ལས་བསྟུན་གྲོས་རྐྱབ་སྟེ་ ག་ར་གིས་ཧ་གོ་ཚུགས་པའི་ཐབས་ལམ་བཏོནམ་ཨིན། དེ་ལས་རྫོང་ཁ་ཕྱེད་དག་ཀོ་དག་སྦེ་སླབ་མི་ཚུ་ རྗོད་སྒྲ་དག་ཆ་བཏོན་ཏེ་སླབ་ཚུགསཔ་བཟོ་ནི་ལུ་ རྩ་འགེངས་དོཝ་ཡོདཔ་ཨིན་རུང་ ལཱ་སྐོར་འདི་འཇམ་ཏོང་ཏོ་ཅིག་མེན་མས།

མ་གཞི་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་ དར་ཁྱབ་གཏང་ནིའི་ཐབས་ལམ་མང་རབས་ཅིག་བརྩམས་ཏེ་ཡོད་པའི་གྲས་ལས་ རྒྱབ་རྟེན་གྱི་དཔེ་དེབ་ཐང་མེདཔ་ཅིག་གསརཔ་བརྩམས་ཡོད་པའི་ཁར་ འདིའི་ནང་ལས་ཡང་ རྫོང་ཁའི་ཚིག་མཛོད་ཕྱོགས་བསྒྲིགས་འབད་ཡོད་མི་འདི་ནང་ལུ་ ངག་གཤིས་ཀྱི་ཚིག་རྒྱགས་ཚད་ཚུད་ཡོད་རུང་ གཡོག་བཀོལ་ནི་ནང་ ནེ་འཚམས་ཅིག་སྦེ་ལུས་མི་འདི་ ཡིག་ཐོག་ལུ་ཤུགས་བཏོན། ངོ་མ་སྦེ་སླབ་ནི་ལུ་བསྐུལ་མ་དང་ དངོས་སུ་ཕྱག་ལཱ་མ་གནང་པའི་སྐྱོན་མེན་ན་ཟེར་མནོཝ་མས།

མ་པ་ཁུངས་ཐུབ་དང་ ཡིད་ཆེས་འདྲོངས་ཚུགས་པའི་ ཞིབ་འཚོལ་འབད་འབདཝ་ཅིག་ག་ནེ་ཡང་མེད་རུང་ དུམ་གྲ་ཅིག་དབྱེ་བ་དཔྱད་དེ་ལྟཝ་ད་ དེ་སྦེ་མེན་ན་ཟེར་མནོ་སྟེ་ མི་སྡེའི་བརྡ་བརྒྱུད་ཝི་ཅེཊ་ཀྱི་ཐོག་ལས་ ངག་གཤིས་ལུ་སྦྱང་བ་ཡོད་མི་དང་། རྗོད་སྒྲ་ལྕེ་མཆུ་དག་ཏོག་ཏོ་སྦེ་སླབ་ཚུགས་མི་ཆ་ཁྱབ་ཀྱིས་ གོ་བརྡ་སྤེལ་ཚུགས་པ་ཅིན་ ཕན་ཐོགས་མ་གཏོགས་གནོད་པ་མི་འབྱུང་ནི་ཨིན་པས་ཟེར་བའི་རེ་བ་བསྐྱེད་དེ་ རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླཝ་༤པའི་ཚེས་༡༩ སྤྱི་ལོ་༢༠༡༦ སྤྱི་ཟླ་༥པའི་སྤྱི་ཚེས་༢༥ རེས་གཟའ་ཕུར་བུ་ དྲོ་པ་ཆུ་ཚོད་༨ ལུ་ རྫོང་ཁ་སླབ་ཐངས་སྡེ་ཚན་གཞི་བཙུགས་བཙུགསཔ་ཨིན།།

 

རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་བཏོན་མི་དཔེ་དེབ་འདི་ གཟིགས་ནིའི་ཐུགས་འདོད་ཡོད་པ་ཅིན་ ཁ་ཕྱེ་སྟེ་གཟིགས་གནང་།

སྔར་སྲོལ་རྫོང་ཁའི་ངག་རྒྱུན།

 

________________________________________________________________________________________________________________

རྗོད་སྒྲ་ཕྱེད་དག་གིས་གོ་དོན་འཛོལ་ནིའི་ཉེན་ཁ་ཡོད།

༉ ཀ་ཁལ་ཕྱེད་དག་གཉིས་ཀྱི་སྒྲ་གདངས་ལེགས་ཞིམ་སྦེ་སྦྱང་བ་འབད་བ་ཅིན་ རྫོང་ཁའ་ིརྗོད་སྒྲ་དག་ཏོག་ཏོ་སྦེ་སླབ་ཚུགས། ང་བཅས་རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ཁ་ཐུག་ལས་ཡང་ ལོ་མང་ཧེད་རྫོགསཔ་ཅིག་གསུང་གྲོས་གནང་མི་དེ་ཡང་ རྫོང་ཁའི་རྗོད་སྒྲ་ཕྱེད་དག་དར་ཁྱབ་འགྱོ་མི་འདི་གིས་ རྒྱལ་ཡོངས་ཁ་སྐད་གཅིག་སྦེ་སླབ་ནི་ལུ་ཐོ་ཕོགཔ་མས་མནོ་སྟེ་ སླབ་ཐངས་ལུ་ཤུགས་བཏོན་མི་འདི་ གནད་དོན་དེ་ལས་བརྟེན་ཏེ་ཨིན། མི་དྲག་དགུ་དྲག་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྗོད་སྒྲའི་ལས་རིམ་ལོགས་སུ་སྦེ་བཟོ་སྟེ་ཡོད་མི་འདི་གིས་ ཧེང་སྐལ་ར་ཕན་ཐོགས་ནི་མས་ཟེར་མནོ་སྟེ་ སྦྲེལ་མཐུད་འདི་ནང་བཙུགས་ཏེ་ཡོད།

འ་ནི་གིས་ ང་བཅས་རྫོང་ཁ་སླབ་ཐངས་སྡེ་ཚན་གྱི་ ལཱ་སྐོར་གཅིག་དོན་འགྲུབ་ཚུགས་ནི་ཨིནམ་ལས་ ང་བཅས་ག་ར་གིས་རབ་རུབ་གཏང་སྟེ་ མི་སྡེ་ལུ་བརྡ་ཞུ་ནི་ལུ་རྩ་འགེངམ་ཨིན།

འདི་གུར་ཨེབ།

སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་བཟོ་སྟེ་ཡོད་པའི་ རྫོང་ཁ་རྗོད་སྒྲའི་ཐོན་རིམ་༢པ་འདི་གཟིགས་གནང་།

འདི་གུར་ཨེབ།

དྲགཔ་དྲགཔ་མཁསཔ།

རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག་གིས་ མི་སྡེའི་བརྡ་བརྒྱུད་ཐོག་ལས་ དང་ཕུ་དུས་རྒྱས་ཀྱི་རྫོང་ཁ་སླབ་ཐངས་དང་འབྲེལ་བའི་མིང་ཚིག་ཚུ་ ཐབས་ཤེས་འདྲ་མི་འདྲ་བའི་ཐོག་ལས་ མི་སྡེ་ལུ་གོ་བརྡ་སྤེལཝ་ཨིན། 

རྫོང་ཁ་སླབ་ཐངས་དང་འབྲེལ་བའི་སྐོར།

རང་སོའི་རིག་རྩལ་གོང་འཕེལ་གྱི་རྩེདམོ།

ཨིང་སྐད་ལས་རྫོང་ཁའི་ནང་སྐད་སྒྱུར་འབད་མི་མིང་ཚུའི་སྐོར།

འ་ནི་ཚུ་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་དར་ཁྱབ་གནང་མི་ཚུ་ཨིན།

གཞུང་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་མཆོག་གིས་ རྫོང་ཁ་སླབ་ཐངས་ཀྱི་ལཱ་སྐོར་ལུ་ཐུགས་ངལ་རངས་པའི་བཀའ་ཤོག་གནང་ཡོདཔ།

 

Image of a woman being carried through the air by swans.

བྱ་ག་དེམ་ཅིག་འདུག་གོ་ལགས།

 

ག་དེམ་ཅིག་སྦེ་ ཡོངས་འབྲེལ་འདི་ནང་ལས་ཕན་ཐོགས་དང་ཐུགས་སྤྲོ་བྱུང་པ་ཅིན་ ཐུགས་འཚེར་རུང་ དགའ་བསྐྱེད་ནི་དང་ ནཱ་གི་ཆ་རོགས་ཚུ་ལུ་སྤེལ་གནང་། ནཱ་གིས་རྒྱབ་སྐྱོར་གནང་མི་ལུ་ གནམ་མེད་ས་མེད་དགའ་ཚོར་ཡོད།

If you find it helpful or interesting, please don’t forget to like and share it with your friends. Your support means a lot! 🙌

👉 www.dzkha.com

 

  • རང་ལུགས་ཀྱི་ཅ་ཆས།

    Like and share        Tweet  ཁ་སྐད་ར་མེད་སྤུ་མེད་འགྱོ་ནི་མས་ཟེར་ཚ་རྒྱས་ལང་མི་འདི་ མི་གཅིག་དང་གཉིས་ཀྱི་ཁེ་གྱོང་ལུ་བལྟ་སྟེ་མིན་པར་ རྒྱལ་ཁབ་ཀྱི་ཉེན་སྲུང་དོན་ལུ་ཨིན་རུང་ དེ་སྦེ་ཨིན་མས་ཟེར་ཐུགས་བཞེད་གནང་མི་འདི་སྐྱོན་བཀྲ་ཤིས་ཨིན་མས། རྒྱལ་ཁབ་ཀྱི་ཡར་རྒྱས་དང་བསྟུན་ཏེ་ ས་མཐོང་ཆེ་བའི་དུས་ཚོད་ལུ་ ཅ་ཆས་དང་ཧོད་ཆས་ཀྱི་རིགས་ཚུ་ཕྱི་རྒྱལ་ལས་ཐོན་མི་ཚུ་ན་ཐནམ་དང་ཁུངས་ཐུབ་སྤུས་ཚ་ཡོདཔ་སྦེ་ཁུངས་བསྐྱལ་ཏེ་ དེ་བསྒང་ཕ་མའི་ངོ་བསྒང་ལུ་གཡོག་སྲོལ་ཡོད་མི་ཚུ་ ད་རེས་ནངས་པ་དཔེ་སྟོནམ་ཙམ་ཅིག་ལུ་ཐུག་སྟེ་འདུག། ཏའུ། ༼རྒྱུ་ཟངས་སེར་དང་ ཟངས་དམར་ལས་བཟོ་བཟོཝ་གི་ཧོད་ཆུང་སུ་འབད་མི་ལུ་ཏའུ་ཟེར་སླབ་ཨིནམ་ད། དེ་ཡང་ཨ་ཆང་ཨ་རག་ཆ་བཀལཝ་ད་ བར་རྫའི་ལྟག་ལུ་ཆུ་འདེགས་ཏེ་བཀལ་མིའི་ཧོད་ཆ།           བདེ་ཡང་ཁབ། དགེ་སློང་གི་བཞེས་ཆ།   ཀུ་ཏོ།    སྲང་། ༼ཤ་དང་མར་ཚུ་འཇལ་ནིའི་སྲང་།     པྱི་ཏ་ལ། ༼ཚིལ་མ་འབོར་སའི་ཧོད། རྒྱུ་ཟངས། དངུལ། ལྕགས་དཀར་གྱིས་བཟོ་བཟོཝ། སློབ་དཔོན། ༼བཟོཝ་གིས་ཤིང་ཚད་བཀལ་ནིའི་ལག་ཆ་ཅིག།  ཟངས་ཀུ། རྫེ་ཀོ། ༼རྫམ་དང་འདེགས་ཀྱི་འོག་ལུ་བཙུགས་ནི་ཅིག།  ཇ་བཙག། ༼ཇ་དང་ཆང་བཙག་ནིའི་ཅ་ཆས་རྒྱུ་ཚར་གྱིས་བཟོ་བཟོཝ། གཟིགས་མིའི་གྱངས་ཁ། Post Views: 64 Like and share        Tweet  

  • དང་ཕུ་སྔ་དང་རྒྱས་ལས།

    Like and share        Tweet  རྫོང་ཁའི་ནང་ དང་ཕུ་དིང་ཕུ། དང་ཕུ་དུས་རྒྱས་ལས་ཟེར་སླབ་ནི་ཡོད་རུང་ དང་ཕུ་སྔ་དང་རྒྱས་ལས་ཟེར་ཡང་སླབ་སྲོལ་འདུག། ཨིན་རུང་ད་རེས་ནངས་པ་མང་ཤོས་ཀྱིས་སླབ་སར་མི་གོ་བས། གཟིགས་མིའི་གྱངས་ཁ། Post Views: 34 Like and share        Tweet  

  • དུ་མ།

    Like and share        Tweet  ང་བཅས་རའི་ཁ་སྐད་ནང་ མིང་ཚིག་ཡོད་རུང་ ལཱ་ཁག་སྦེ་རོགས་ཀྱི་ཁ་སྐད་བར་ན་བཙུགས་ཏེ་སླབ་ནི་འདི་ མཇུག་ལས་མཇུག་སུ་ ཨོ་ཏོག་ཏོ་ཅིག་མི་འོང་ནི་མས། རྒན་གཞོན་མེདཔ་ལ་ལུ་ཅིག་གིས་ ཚོང་ཉོཝ་ད་ ཏི་རུ་ལག་སྤྲོད་མོར་མེད་པ་ཅིན་ འབང་ཀི་སྦེ་འབག་དགོ་པས་ཟེར་སྣང་དག་ག་ནེ་ཡང་མ་བསྐྱེད་པར་སླབ་མས། གཟིགས་མིའི་གྱངས་ཁ། Post Views: 66 Like and share        Tweet  

  • སྒྲ་དག་ཏོག་ཏོ་མེད་པའི་སླབ་ཐངས།

    Like and share        Tweet  གམ་ཅིག་ཡོད། འམ་ཅིག་ཡོད། ག་ཅི་ཡང་སླབ་ནི་མེད། ག་ཧོད་ཧོད། ང་གིས་ཁོ་མཐོང་ཡི། ང་ལྷོད་ཡི། ང་གིས་ཟ་ནུག། དོགས་པ་ཆགས་ཡི། གཟིགས་མིའི་གྱངས་ཁ། Post Views: 23 Like and share        Tweet  

  • ཆེནམོ་ཅིག་སླབ་ནི་ར་མེད་པའི་ཚིག།

    Like and share        Tweet  ཁོང་ཡིད་ལྷག། ལཱ་ཚུ་གི་སྐོར་ལས་ མནོ་བསམ་ལོག་ཅི་ལོག་ཅི་གཏང་བ། དཔེར་ན།སེམས་འཚབ་འཚུབ་འབད་དེ་ ཁོང་ཡིད་ལྷག་སྟེ་ར་སྡོད་པ་ཅིན་ རང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་གནོདཔ་ཨིན། ངོ་བཅག། རང་གི་མི་དང་ཆ་རོགས་ཨིན་ཟེར་ཆ་བཞག་བརྩི་སྟེ་ ངོ་སྲུང་མ་འབད་བ། དཔེར་ན། གཞུང་གི་ཕྱག་ཕྱིད་ཞུཝ་ད་ རང་གི་སྤུན་ཆ་དང་གཉེན་ཉེཝ་ཚུ་གི་ངོ་བཅག་སྟེ་ དྲང་པོའི་ཐོག་ལས་ཕྱག་ཞུ་དགོ། ཆང་ཀ་ཆུང་ཀུ། མི་དང་སེམས་ཅན་ ཅ་ལ་ག་ཅི་ར་ཨིན་རུང་ སྦོམ་དང་འགངས་ཅན་མེན་པར་ཆུང་ཀུའི་རིགས། དཔེར་ན། མི་ཆང་ཀ་ཆུང་ཀུ་ཨིན་པས་ཟེར་ བང་ཅན་དབང་བཙོང་འབད་ནི་མི་འོང་། ཚ་ཕག་ཕ། མི་ཆང་འཐུང་མི་ཚུ་ ཆང་གནམ་མེད་ས་མེད་ཤུགས་སྦེ་ཡང་མ་འགྲངསམ་སྦེ་ ཀྲིག་ཀྲི་ཅིག་བཟི་སྟེ་ཡོད་པ། དཔེར་ན། ཆང་ཚ་ཕག་ཕ་ཅིག་སྦེ་བཞག་པ་ཅིན་ ག་ཅི་ཡང་འབད་ཚུགས། ཆུ་ཐག་ཆོད། ས་དང་ ཚོདམ་ཚུ་ཆུ་སྐམ་སྟེ་ སྐམ་ཀྲོག་ཀྲོ་འགྱོ་བ་དང་ མི་འབད་བ་ཅིན་ ཉམས་མྱོང་ཚུད་མི། དཔེར་ན། ས་ཚ་སའི་གཡུས་ཚུ་འབདན་ ན་འཐན་ར་ ཆུ་ཐག་ཆོད་སོ་ནུག་མས། པམ་ལེ་ལེ། ན་ཟུག་མེདཔ་ཡང་མེན་ ཤུགས་སྦེ་ཡང་མ་རྐྱབ་པར་ ག་ཅི་ཨིན་ན་གུ་ཅི་ཨིན་ན་མ་ཤེས་པར་ཡོད་པ། དཔེར་ན། སེན་མོ་རྡོའི་བར་ན་བསྒྲལ་ད་པ་ཅིན་ པམ་ལེ་ལེ་སྦེ་སྡོདཔ་ཨིན། བུད་ཀྲ། ཁུར་ཆའི་རིགས། དཔེར་ན། བླ་མའི་བུད་ཀྲ་འབག་མི་འདི་ ངར་ངེ་ཅིག་འདུག། བློ་ཕུགས་སིལ་སུ། ཤུལ་མ་གི་དོན་ལུ་ གཏན་གཏན་མེདཔ་འཚམས་ཅིག། དཔེར་ན།…

  • དར་ཁྱབ་གཏང་དགོ་པའི་དཔྱེ་གཏམ།

    Like and share        Tweet  གཡག་རྒྱགས་རིལ་རི་གིས། །ཨ་ཝ་ལྷ་སི་སི་གཏང་ནི་མི་འོང་། ། མ་གོ་མཁའ་འགྲོའི་ལུང་བསྟན། །གོནི་གསེར་སྲང་བརྒྱ་ལས་དགའ། ། མཁས་པའི་རིག་པ་ནང་ལས།།བླུན་པོའི་སྤྱོད་པ་ཕྱི་ལས།། འདྲཝ་མེད་རུང་ཚུལ་ཅིག། གཡུས་ཀྱི་ལྷ་གསོལ་བ།།གཡུས་ཀྱི་བོནམོ་མཁས།། ཁྲག་རླུང་དཔོན་གྱི་ནད་གཞི། །གཡོག་པ་ཡོདནི་རྟས་ཐག ། པར་པར་ཟེར་མི་ཕར་ཀི་ལོགས་ལས་ཨིན་མས། །བ་བཞོ་ནི་མེད་པར་མར་ག་ལས་འོང་པ།། འཕྲལ་འཕྲལ་གཞའ་མགུ་ཉིས་བརྩེགས།།འཕྲལ་འཕྲལ་དགུང་ཧིང་སྟོངམ།། ཨ་ཝ་ཤ་མུ་གིས་སྤང་མི་རྡོལ་བས། གཟིགས་མིའི་གྱངས་ཁ། Post Views: 34 Like and share        Tweet  


Like and share
     
 
    

Leave a Reply

Specify Google Client ID and Secret in the Super Socializer > Social Login section in the admin panel for Google and Youtube Login to work

Specify Instagram App ID and Instagram App Secret in the Super Socializer > Social Login section in the admin panel for Instagram Login to work

Specify WordPress Client ID and Secret in the Super Socializer > Social Login section in the admin panel for WordPress Login to work

Your email address will not be published. Required fields are marked *